完整藏文原文 · 德格版页 当前仅加载第 17 函德格 176b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འདས་པ་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །
D8.017.0176b01.01རང་བཞིན་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །
D8.017.0176b02.01{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །
D8.017.0176b03.01དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཡང་དག་པར་སྤོང་བ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་
D8.017.0176b04.01རིང་དུ་སོང་བ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དབང་པོ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །སྟོབས་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་
D8.017.0176b05.01བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །འཕགས་པའི་བདེན་པ་རྣམས་ལས་རིང་དུ་སོང་བས་ན།
D8.017.0176b06.01དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །བསམ་གཏན་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཚད་མེད་པ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལས་
D8.017.0176b07.01