藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 118b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །{མྱི་,མི་}དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་

D8.017.0118b01.01
2

ཡིན་ནོ། །འདུས་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །འདུས་མ་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་རྟག་པ་མ་ཡིན་

D8.017.0118b02.01
3

འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཟག་པ་{མྱེད་,མེད་}པའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་{མྱེད་,མེད་}པའི་ངོ་བོ་

D8.017.0118b03.01
4

ཉིད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར། གཟུགས་མངོན་པར་མ་གྲུབ། ཅིའི་ཕྱིར་ཚོར་བ་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་ཤེས་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་བྱེད་མངོན་པར་མ་གྲུབ། ཅིའི་ཕྱིར་རྣམ་པར་ཤེས་པ་མངོན་པར་མ་གྲུབ་ཅེས་

D8.017.0118b04.01
5

སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གཟུགས་ནི་མངོན་པར་འདུ་མ་བྱས་པའོ། །ཚོར་བ་ནི་མངོན་པར་འདུ་མ་བྱས་པའོ། །འདུ་ཤེས་ནི་མངོན་པར་འདུ་མ་བྱས་པའོ། །འདུ་བྱེད་ནི་མངོན་པར་

D8.017.0118b05.01
6

འདུ་མ་བྱས་པའོ། །རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་མངོན་པར་འདུ་བྱེད་པ་{མྱེད,མེད}། ཚོར་བ་ལ་མངོན་པར་འདུ་བྱེད་པ་{མྱེད,མེད}། འདུ་ཤེས་ལ་མངོན་པར་འདུ་བྱེད་པ་{མྱེད,མེད}། འདུ་བྱེད་ལ་མངོན་པར་འདུ་བྱེད་པ་{མྱེད,མེད}། རྣམ་པར་

D8.017.0118b06.01
7

ཤེས་པ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། {མྱིག་,མིག་}ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རྣ་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་

D8.017.0118b07.01