藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 95b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་

D8.017.0095b01.01
2

ཡང་བྲལ་བས་མ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་

D8.017.0095b02.01
3

ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་མཚན་མ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་

D8.017.0095b03.01
4

རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དབང་པོ་རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོབས་རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་

D8.017.0095b04.01
5

མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་

D8.017.0095b05.01
6

བས་མ་ཡིན་ནོ། །བསམ་གཏན་རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚད་{མྱེད་,མེད་}པ་རྣམས་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་མཚན་མ་{མྱེད་,མེད་}པ་སྟེ།

D8.017.0095b06.01
7

གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཚན་མ་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་

D8.017.0095b07.01