完整藏文原文 · 德格版页 当前仅加载第 17 函德格 169b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་
D8.017.0169b01.01ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འགྲིབ་
D8.017.0169b02.01པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་
D8.017.0169b03.01པ་གང་ལགས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་
D8.017.0169b04.01ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་འདུ་ཤེས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་
D8.017.0169b05.01ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་འདུ་བྱེད་ཅེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་
D8.017.0169b06.01ཀྱི་གྲངས་སུ་བགྱིས་པའོ། །གང་{མྱིག་,མིག་}ཅེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་རྣ་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །
D8.017.0169b07.01