藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 141b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཚོར་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་།

D8.017.0141b01.01
2

འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་། འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། {མྱིག་,མིག་}ཡང་དག་པར་རྗེས་སུ་མི་མཐོང་། རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་། སྣ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེ་ཡང་

D8.017.0141b02.01
3

དག་པར་རྗེས་སུ་{མྱི་,མི་}མཐོང་། ལུས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཡིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། སྒྲ་ཡང་དག་པར་རྗེས་སུ་མི་མཐོང་། དྲི་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། རོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་།

D8.017.0141b03.01
4

རེག་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཡང་དག་པར་རྗེས་སུ་མི་མཐོང་། {མྱིག་,མིག་}གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལྕེའི་རྣམ་པར་

D8.017.0141b04.01
5

ཤེས་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། {མྱིག་,མིག་}གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་།

D8.017.0141b05.01
6

སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལྕེའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་

D8.017.0141b06.01
7

པར་རྗེས་སུ་{མྱི་,མི་}མཐོང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལུས་ཀྱི་འདུས་ཏེ་རེག་པའི་

D8.017.0141b07.01