藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 88a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གང་དང་ཡང་བྲལ་བས་མ་ཡིན་ནོ། །རླུང་གི་ཁམས་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ནམ་མཁའི་ཁམས་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་བདག་མེད་པ་སྟེ། གང་དང་

D8.017.0088a01.01
2

ཡང་བྲལ་བས་མ་ཡིན་ནོ། །མ་རིག་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །{མྱིང་,མིང་}དང་གཟུགས་བདག་{མྱེད་,མེད་}པ་

D8.017.0088a02.01
3

སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྐྱེ་མཆེད་དྲུག་བདག་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རེག་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྲེད་པ་བདག་{མྱེད་,མེད་}པ་སྟེ། གང་དང་

D8.017.0088a03.01
4

ཡང་བྲལ་བས་མ་ཡིན་ནོ། །ལེན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྲིད་པ་བདག་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྐྱེ་བ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྒ་ཤི་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་

D8.017.0088a04.01
5

མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །

D8.017.0088a05.01
6

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །

D8.017.0088a06.01
7

ནང་སྟོང་པ་ཉིད་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་བདག་{མྱེད་,མེད་}པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་བདག་{མྱེད་,མེད་}པ་སྟེ།

D8.017.0088a07.01