藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 71a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་བྱ་བ་དང་། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་གློ་བུར་དུ་{མྱིང་,མིང་}དུ་བཏགས་པ་སྟེ། འདི་ལྟར་{མྱིང་,མིང་}ནི་གང་ནས་ཀྱང་{མྱི་,མི་}འོང་གང་དུ་ཡང་{མྱི་,མི་}འགྲོ་གང་ན་ཡང་{མྱི་,མི་}གནས་སོ། །{མྱིང་,མིང་}ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་སའི་ཁམས་མ་

D8.017.0071a01.01
2

ཡིན། དེ་ནི་ཆུའི་ཁམས་མ་ཡིན། དེ་ནི་{མྱེའི་,མེའི་}ཁམས་མ་ཡིན། དེ་ནི་རླུང་གི་ཁམས་མ་ཡིན། དེ་ནི་ནམ་མཁའི་ཁམས་མ་མིན། དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}ནི་{མྱིང་,མིང་}གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་

D8.017.0071a02.01
3

པ་དེ་ནི་{མྱིང་,མིང་}མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི། {མྱིང་,མིང་}ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། {མྱིང་,མིང་}དང་གཟུགས་

D8.017.0071a03.01
4

ཞེས་བྱ་བ་དང་། སྐྱེ་མཆེད་དྲུག་ཅེས་བྱ་བ་དང་། རེག་པ་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། སྲེད་པ་ཞེས་བྱ་བ་དང་། ལེན་པ་ཞེས་བྱ་བ་དང་། སྲིད་པ་ཞེས་བྱ་བ་དང་། སྐྱེ་བ་ཞེས་བྱ་བ་དང་། རྒ་ཤི་ཞེས་བྱ་བ་འདི་ནི། གློ་བུར་དུ་{མྱིང་,མིང་}དུ་བཏགས་པ་

D8.017.0071a04.01
5

སྟེ། འདི་ལྟར་{མྱིང་,མིང་}ནི་གང་ནས་ཀྱང་{མྱི་,མི་}འོང་གང་དུ་ཡང་{མྱི་,མི་}འགྲོ་གང་ན་ཡང་{མྱི་,མི་}གནས་སོ། །{མྱིང་,མིང་}ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན། དེ་ནི་{མྱིང་,མིང་}དང་གཟུགས་མ་ཡིན། དེ་ནི་སྐྱེ་མཆེད་དྲུག་མ་

D8.017.0071a05.01
6

ཡིན། དེ་ནི་རེག་པ་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་སྲེད་པ་མ་ཡིན། དེ་ནི་ལེན་པ་མ་ཡིན། དེ་ནི་སྲིད་པ་མ་ཡིན། དེ་ནི་སྐྱེ་བ་མ་ཡིན། དེ་ནི་རྒ་ཤི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}ནི་{མྱིང་,མིང་}གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་

D8.017.0071a06.01
7

ནི་{མྱིང་,མིང་}མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་

D8.017.0071a07.01