完整藏文原文 · 德格版页 当前仅加载第 17 函德格 287b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་ཡིད་ལ་བྱའོ། །གཟུགས་ནི་ཞི་བར་ཡིད་ལ་བྱའོ། །གཟུགས་ནི་དབེན་པར་ཡིད་ལ་བྱའོ། །གཟུགས་ནི་ནད་དུ་ཡིད་ལ་བྱའོ། །གཟུགས་ནི་ཤུ་བར་ཡིད་ལ་བྱའོ། །གཟུགས་ནི་ཟུག་རྔུར་ཡིད་ལ་བྱའོ། །གཟུགས་ནི་སྡིག་པར་ཡིད་ལ་བྱའོ། །གཟུགས་
D8.017.0287b01.01ནི་ན་བར་ཡིད་ལ་བྱའོ། །གཟུགས་ནི་དགྲར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །གཟུགས་ནི་མི་བརྟན་པར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པར་ཡིད་ལ་བྱའོ། །གཟུགས་ནི་འཇིགས་པར་ཡིད་ལ་བྱའོ། །གཟུགས་ནི་
D8.017.0287b02.01འགོ་བའི་ནད་དུ་ཡིད་ལ་བྱའོ། །གཟུགས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །གཟུགས་ནི་བདག་གི་{མྱེད་,མེད་}པར་ཡིད་ལ་བྱའོ། །གཟུགས་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །གཟུགས་ནི་གནོད་པར་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
D8.017.0287b03.01པའི་སེམས་བསྐྱེད་པས། དེ་{མྱི་,མི་}དམིགས་པའི་ཚུལ་གྱིས། སྒྲ་ནི་{མྱི་,མི་}རྟག་པར་ཡིད་ལ་བྱའོ། །སྒྲ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །སྒྲ་ནི་བདག་མེད་པར་ཡིད་ལ་བྱའོ། །སྒྲ་ནི་ཞི་བར་ཡིད་ལ་བྱའོ། །སྒྲ་ནི་དབེན་པར་ཡིད་ལ་བྱའོ། །སྒྲ་ནི་ནད་དུ་ཡིད་ལ་བྱའོ། །
D8.017.0287b04.01སྒྲ་ནི་ཤུ་བར་ཡིད་ལ་བྱའོ། །སྒྲ་ནི་ཟུག་རྔུར་ཡིད་ལ་བྱའོ། །སྒྲ་ནི་སྡིག་པར་ཡིད་ལ་བྱའོ། །སྒྲ་ནི་ན་བར་ཡིད་ལ་བྱའོ། །སྒྲ་ནི་དགྲར་ཡིད་ལ་བྱའོ། །སྒྲ་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །སྒྲ་ནི་{མྱི་,མི་}བརྟན་པར་ཡིད་ལ་བྱའོ། །སྒྲ་ནི་འཇིག་པར་ཡིད་ལ་བྱའོ། །
D8.017.0287b05.01སྒྲ་ནི་འཇིགས་པར་ཡིད་ལ་བྱའོ། །སྒྲ་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །སྒྲ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྒྲ་ནི་བདག་གི་{མྱེད་,མེད་}པར་ཡིད་ལ་བྱའོ། །སྒྲ་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །སྒྲ་ནི་གནོད་པར་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་
D8.017.0287b06.01ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམིགས་པའི་ཚུལ་གྱིས། དྲི་ནི་{མྱི་,མི་}རྟག་པར་ཡིད་ལ་བྱའོ། །དྲི་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །དྲི་ནི་བདག་{མྱེད་,མེད་}པར་ཡིད་ལ་བྱའོ། །དྲི་ནི་ཞི་བར་ཡིད་ལ་བྱའོ། །དྲི་ནི་དབེན་པར་ཡིད་ལ་བྱའོ། །དྲི་ནི་ནད་དུ་ཡིད་
D8.017.0287b07.01