藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 165b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཐམས་ཅད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་

D8.017.0165b01.01
2

གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་

D8.017.0165b02.01
3

ལགས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་

D8.017.0165b03.01
4

བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མ་

D8.017.0165b04.01
5

ལགས་སོ། །བཅོམ་ལྡན་འདས་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན།

D8.017.0165b05.01
6

བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་

D8.017.0165b06.01
7

པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་

D8.017.0165b07.01