藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 140a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཅེས་བགྱི་བར་དངོས་པོ་མེད་པ་སྟོང་པ་ཉིད་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་

D8.017.0140a01.01
2

འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བགྱི་བར་ངོ་བོ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བགྱི་བར་དངོས་

D8.017.0140a02.01
3

པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་མི་བགྱིད་དོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

D8.017.0140a03.01
4

འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བགྱི་བར་དྲན་པ་ཉེ་བར་གཞག་པ་རྣམས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་མི་གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཡང་དག་པར་སྤོང་བ་རྣམས་ཞེས་བགྱི་བར་ཡང་དག་པར་སྤོང་བ་རྣམས་ལ་

D8.017.0140a04.01
5

{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཞེས་བགྱི་བར་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་

D8.017.0140a05.01
6

པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་དབང་པོ་རྣམས་ཞེས་བགྱི་བར་དབང་པོ་རྣམས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་སྟོབས་རྣམས་ཞེས་བགྱི་བར་སྟོབས་རྣམས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་

D8.017.0140a06.01
7

{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །དེའི་ཚེ་འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བགྱི་བར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་{མྱི་,མི་}{དམྱིགས་,དམིགས་}ཤིང་{མྱི་,མི་}ལེན་{མྱི་,མི་}གནས་ཏེ། མངོན་པར་ཞེན་པར་{མྱི་,མི་}བགྱིད་ལ་འདོགས་པར་{མྱི་,མི་}བགྱིད་དོ། །

D8.017.0140a07.01