藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 266a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་ཤེས་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་དབེན་

D8.017.0266a01.01
2

པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་རྣམ་པར་ཤེས་པ་{མྱེད་,མེད་}པའི་

D8.017.0266a02.01
3

ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་

D8.017.0266a03.01
4

པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མི་རྒྱ་

D8.017.0266a04.01
5

བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། {མྱིག་,མིག་}གི་འདུས་ཏེ་རེག་པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་

D8.017.0266a05.01
6

ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །{མྱིག་,མིག་}གི་འདུས་ཏེ་རེག་

D8.017.0266a06.01
7

པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་འདུས་ཏེ་རེག་

D8.017.0266a07.01