完整藏文原文 · 德格版页 当前仅加载第 17 函德格 148a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་སོ། །བཅོམ་ལྡན་འདས་མ་རིག་པའི་མ་སྐྱེས་པ་གང་
D8.017.0148a01.01ལགས་པ་དེ་མ་རིག་པ་མ་ལགས་ཏེ། དེ་ལྟར་ན་མ་རིག་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
D8.017.0148a02.01ལགས་ཏེ། དེའི་སླད་དུ་མ་རིག་པའི་མ་སྐྱེས་པ་གང་ལགས་པ་དེ་མ་རིག་པ་མ་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །
D8.017.0148a03.01དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་མ་
D8.017.0148a04.01སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་
D8.017.0148a05.01མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་{མྱིང་,མིང་}དང་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་{མྱིང་,མིང་}དང་གཟུགས་མ་ལགས་ཏེ། དེ་ལྟར་ན་{མྱིང་,མིང་}དང་གཟུགས་
D8.017.0148a06.01དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་{མྱིང་,མིང་}དང་གཟུགས་ཀྱི་མ་སྐྱེས་པ་གང་
D8.017.0148a07.01