完整藏文原文 · 德格版页 当前仅加载第 17 函德格 350b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་བཟླས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
D8.017.0350b01.01ཀྱི་ཡེ་ཤེས་ལ་གནས་པར་བྱའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱའོ་ཞེས་བྱ་
D8.017.0350b02.01བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །སངས་རྒྱས་
D8.017.0350b03.01ཀྱི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་སོང་སྟེ། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་
D8.017.0350b04.01སྙོམས་པར་ཞུགས་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ་ཞེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བདག་གི་ཚེ་ནི་ཚད་{མྱེད་,མེད་}པར་གྱུར་ཅིག་ཅེས་བྱ་བར་{དམྱིགས་,དམིགས་}
D8.017.0350b05.01པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །བདག་གི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་ཡང་བསོད་ནམས་བརྒྱས་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་གྱིས་གནས་པར་{མྱི་,མི་}བྱའོ། །ཤར་ཕྱོགས་ཀྱི་འཇིག་
D8.017.0350b06.01རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཅི་ཙམ་ཡོད་པ་དང་།
D8.017.0350b07.01