完整藏文原文 · 德格版页 当前仅加载第 87 函德格 217a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བར་བྱའོ། །བགེགས་རྣམས་གསོད་པའི་གཡོག་པོ་མཐའ་ཡས་གང་ཡང་རུང་བ་གནག་ཅིང་ལྡང་བ། གཞོན་ནུ་རལ་པ་ཅན། མིག་ཅུང་ཞིག་དམར་བ། ཁྲོས་པ། རིན་པོ་ཆེའི་བྲག་ལ་བཞུགས་པ་བྲི་བར་བྱའོ། །འོག་ཏུ་ནི་སྒྲུབ་པ་པོའོ། །འདིར་ཡང་རྡོ་རྗེ་
D502.087.0217a01.01འཛིན་གང་ཡང་རུང་བའི་སྙིང་པོ་དང་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྔར་བསྟན་པའི་ཆོ་གའམ། དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་སམ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོ་ག་བཞིན་དུ་རྡོ་རྗེ་འཛིན་ལ་ཡང་དེ་བཞིན་གཤེགས་པའི་ཆོ་གས་བསྒྲུབ་པར་བྱའོ། །གྲུབ་པར་གྱུར་ན་
D502.087.0217a02.01རྡོ་རྗེ་འཛིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོའི་སྔགས་བླ་ན་མེད་པའི་ནོར་བུའི་རྒྱ་མཚོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པར་བྱེད་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྟོག་པ་ཐམས་ཅད་ཀྱི་ཆོ་གས་སམ། ཡིད་ལ་གང་འདོད་པའི་ཆོ་གས་སྦྱར་རོ། །དེ་
D502.087.0217a03.01བཞིན་གཤེགས་པའི་ལྕགས་ཀྱུ་དཔེ་མེད་པ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མཛོད་ལས་ཡང་དག་པར་བྱུང་བ་སྙིང་པོའི་མཐུས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། །འདིར་ནི་བར་ཆད་མི་འབྱུང་ཞིང་། །རྨོངས་པར་མི་འགྱུར་ཆགས་མི་འགྱུར། །འདིར་ནི་སངས་རྒྱས་ཀུན་གྱི་ནོར། །
D502.087.0217a04.01རྟག་ཏུ་བྱིན་གྱིས་བརླབས་ནས་གནས། །ཐུན་མོང་གི་ཕྱག་རྒྱ་སྒྲུབ་པ་འབྱུང་བར་འགྱུར་རོ། །འདི་ལ་ཕྱག་རྒྱ་གང་ཡང་རུང་བ་རྩིག་ངོས་སམ། རས་སམ། སྤང་ལེབ་བམ། ལོ་མའམ། གཙང་མའི་ས་ཕྱོགས་སུ་ཚོན་རྩིའམ། དྲིས་བསྒོས་པའི་པིར་རམ། ཐ་ན་ཐལ་བས་
D502.087.0217a05.01ཀྱང་རུང་བྲིས་ལ་དྲི་དང་མེ་ཏོག་གིས་མཆོད་པ་བྱས་ཏེ། བདག་གི་དོན་འདི་མཛད་དུ་གསོལ། །བདག་ལ་མཆོག་འདི་སྩལ་དུ་གསོལ། །བདག་གི་འདི་ནི་བསྒྲུབ་ཏུ་གསོལ། །བདག་གི་དགོས་པ་འདི་དག་གཞན་དུ་མ་གྱུར་པ་དེ་བཞིན་དུ་གྱུར་ཅིག་ཅེས་ཡང་དག་པར་བསམས་ནས་
D502.087.0217a06.01ཕྱག་རྒྱའི་སྔགས་བཟླས་པ་བྱས་ན་དགོས་པ་འགྲུབ་པར་འགྱུར་བའམ། ལྷ་ལ་སོགས་པའམ་མི་ལ་སོགས་པ་ངས་འོང་བར་བྱས་སོ་ཞེས་བྱ་བ་ལ་སོགས་པ་དེ་དང་དེ་སྨྲ་བར་འགྱུར་རོ། །དེ་ལྟ་བུའི་དགོས་པ་ཡང་སྨྲ་བར་བྱེད། སྟོན་ཅིག་ཅེའམ། རྒྱོབ་ཅིག་ཅེའམ། ཆོད་ཅིག །སོད་
D502.087.0217a07.01