完整藏文原文 · 德格版页 当前仅加载第 87 函德格 219a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་ཡི་གེ་ལྔ། །ཐུགས་རྗེའི་བདག་ཉིད་ཀུན་གྱི་ཡབ་གཅིག་པུ། །འཇིག་རྟེན་གསུམ་པོ་སྐྱོབ་པའི་སྒོར་ཞུགས་ནས། །ཞིང་རྣམས་རྒྱ་མཚོ་སྦྱོང་ཞིང་རྣམ་པར་གནས། །ཐུགས་རྗེའི་བདག་ཉིད་དད་པས་ཟིན་པའི་ཡུལ། །སེམས་ཅན་དོན་མཆོག་ཉེ་བར་
D502.087.0219a01.01སྒྲུབ་པར་བྱེད། །གཅིག་ཏུ་སྡུག་བསྔལ་མཐར་ཐུག་འགྲོ་བ་རྣམས། །བྱང་ཆུབ་སེམས་དཔའ་གཙོ་མཆོག་དེ་སྦྱོང་བྱེད། །དེ་ཕྱིར་གཙོ་མཆོག་དྲི་མེད་འདི་སྒྲུབ་པ། །རྨད་བྱུང་ཆེ་མཆོག་ཆོས་ཅན་སྙིང་པོ་འདིའོ། །མཐའ་ཡས་བདེ་བར་གཤེགས་ལ་མངོན་དད་པས། །
D502.087.0219a02.01བརྩོན་འགྲུས་རྡོ་རྗེ་བླ་མེད་བསྒྲུབ་པར་བྱ། །འདིའི་སྒྲུབ་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅི་ལྟ་བ་དང་། རིག་པ་མཆོག་རབ་འབྱམ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་འདིར་རས་རིས་ཀྱི་ཁྱད་པར་འབྱུང་བར་འགྱུར་རོ། །རས་རིས་ནི་བཅོམ་ལྡན་འདས་
D502.087.0219a03.01རིན་པོ་ཆེའི་བྲག་ཕུག་ན་པདྨ་ལ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་པ་འོད་ཀྱིས་བསྐོར་བ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བ་པྲི་ཡང་ཀུ་ལྟར་ལྗང་གུ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་
D502.087.0219a04.01པདྨ་ལ་གནས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་འཕགས་པ་རྡོ་རྗེ་འཛིན་ཨུཏྤ་ལ་སྔོན་པོའི་འདབ་མའི་མདོག་ཅན་ནམ། གསེར་གྱི་མདོག་ཅན་འོད་ཀྱི་ཕྲེང་བས་བསྐོར་བ། ལག་ན་རྡོ་རྗེ་ཐོགས་པ་རིན་པོ་ཆེའི་པདྨ་ལ་བཞུགས་པའོ། །དེའི་འོག་ཏུ་མི་གཡོ་བ་མིག་
D502.087.0219a05.01གཅིག་པ་ཞེས་བྱ་བ་བགེགས་ཚར་གཅོད་པ། རིན་པོ་ཆེའི་བྲག་ལ་བཞུགས་པ་མིག་དམར་པོ་གཅིག་ཡོད་པ། ཀུན་ནས་འབར་བས་བསྐོར་བག་ནག་ཅིང་ལྗང་བ། ཁྲོས་ཤིང་འཁྲུགས་པ། གཞོན་ནུ་རལ་པ་གཅིག་ཡོད་པ། ལག་པ་ན་རལ་གྲི་དང་། ཞགས་པ་ཐོགས་
D502.087.0219a06.01པ་བྲི་བར་བྱའོ། །སྒྲུབ་པ་པོ་ནི་ཐལ་མོ་སྦྱར་བའོ། །རས་རིས་གཉིས་པ་ནི་བཅོམ་ལྡན་འདས་དེ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། མི་གཡོ་བ་མིག་གཅིག་པ་བྲི་བར་བྱའོ། །དེ་བཞིན་དུ་ཆོ་ག་ཐམས་ཅད་ཀྱིས་སྦྱར་བར་བྱ་ཞིང་། རི་ལ་སོགས་པ་དབེན་པར་འདུ་
D502.087.0219a07.01