完整藏文原文 · 德格版页 当前仅加载第 87 函德格 233b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་མྱུར་དུ་འགྲུབ་པ་དང་། བགེགས་མེད་པའོ། །འདིར་སྤང་བར་བྱ་བ་ནི་གཉིས་ཏེ། གསང་སྔགས་ལ་སོགས་པ་སྤོང་བ་དང་། མི་གུས་པའོ། །གོམས་པར་བྱ་བ་ནི་གཉིས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པའི་སྦྱོར་བ་དང་། སེམས་
D502.087.0233b01.01ཅན་གྱི་དོན་བྱ་བའོ། །འདིར་རྨད་དུ་བྱུང་བ་ནི་གཉིས་ཏེ། ཇི་ལྟ་ཇི་ལྟར་སྔགས་རྣམས་བསྒྲུབ་པར་བྱས་པ་དེ་ལྟ་དེ་ལྟར་རྗེས་སུ་མཐུན་པར་འགྱུར་བ་དང་། ཆོ་ག་གང་དང་གང་གིས་གང་ལ་སྦྱར་བ་དེ་བསྒྲུབས་ན་འགྲུབ་པར་འགྱུར་བའོ། །མ་མཐོང་བའི་ཆོས་ཀྱི་ཡོན་ཏན་ནི་གཉིས་ཏེ།
D502.087.0233b02.01གང་དུ་སྐྱེས་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྒྱ་ཆེ་བ་ལ་འཇུག་པར་འགྱུར་བའོ། །བཟླས་པ་བྱས་ན་གཉིས་ལས་མི་གཡོ་བར་འགྱུར་ཏེ། ཆོས་ཉིད་ལས་བྱུང་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་མི་ཉམས་
D502.087.0233b03.01པའོ། །རས་རིས་ནི་གཉིས་ཏེ། དེ་བཞིན་གཤེགས་པ་དང་བཅས་པ་དང་། རིག་པ་གཅིག་པུ་ཉིད་དོ། །འདིར་སྤྱད་པར་མི་བྱ་བའི་དམ་ཚིག་ནི་གཉིས་ཏེ། མྱོས་པར་འགྱུར་བའི་བཏུང་བ་དང་། ཁྲི་ལ་ཉལ་བའོ། འདིར་མི་བྱ་བ་ནི་གཉིས་ཏེ། གསང་སྔགས་ལ་སེར་སྣ་
D502.087.0233b04.01མི་བྱ་བ་དང་། དོན་ཆུང་ངུའི་ལས་མི་བྱ་བའོ། །འདིར་འབྱུང་བར་མི་འགྱུར་བ་ནི་གཉིས་ཏེ། སྐྱོན་དུ་འགྱུར་བའི་ལས་ཐམས་ཅད་དང་། དོན་མེད་པ་ལ་འདོད་པའོ། །འདིར་ངེས་པ་ནི་གཉིས་ཏེ། རྨད་དུ་བྱུང་བའི་ཆོས་འབྱུང་བ་དང་། དེ་བཞིན་གཤེགས་པའི་རིགས་སུ་འཇུག་
D502.087.0233b05.01པའོ། །འདིར་བྱིན་གྱི་རླབས་འབྱུང་བ་ནི་གཉིས་ཏེ། ཐམས་ཅད་དུ་ལྷག་མ་ལུས་པར་མི་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འགྲོགས་པར་འདོད་པའོ། །དེ་དག་ལ་སོགས་པ་སྔགས་ཀྱི་སྤྱོད་པ་ལ་ཞུགས་པ་རྣམས་ལ་ཐབས་མང་དུ་འབྱུང་
D502.087.0233b06.01བར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་རྣམས་ཀྱི་ཐུན་མོང་གི་སྔོན་དུ་བསྙེན་པའི་ཆོ་ག་བཤད་པར་བྱའོ། །དང་པོ་རེ་ཞིག་སྔགས་གང་ཡང་རུང་བ་བླངས་ནས་བདེན་པའི་བྱིན་གྱི་རླབས་ཀྱིས་གང་ལ་ལྷག་པར་མོས་པ་ཉེ་བར་བཟུང་ལ་སྔ་དྲོའི་ཐུན་ལ་སྐུ་གཟུགས་ཀྱི་མདུན་དུ་འམ། རས་རིས་ཀྱི་མདུན་
D502.087.0233b07.01