完整藏文原文 · 德格版页 当前仅加载第 87 函德格 236b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གི་མཆོག་ཏུ་འགྱུར་ཞིང་སྙིང་རྗེ་བར་སེམས་པར་འགྱུར་རོ། །འདིའི་ཤུགས་ཀྱིས་འགྲོ་བ་ལ་ལྟོས་ན་ལྷའི་འཇིག་རྟེན་པའི་རིག་པ་འཛིན་པ་རྣམས་ཀྱང་རྐང་གིས་འགྲོ་བ་ལྟ་བུར་སེམས་སོ། །གང་འཇིག་རྟེན་པའི་རིག་འཛིན་གྲུབ་པ་དེ་དང་། འདིའི་ཁྱད་པར་ཡང་རྩྭ་དང་རི་རབ་ཀྱི་ཁྱད་པར་
D502.087.0236b01.01ལྟ་བུར་འགྱུར་རོ། །འདི་ལྟ་བུའི་ཐབས་དང་ལྡན་པའི་ཆོ་གའོ། །ཐབས་དང་མི་ལྡན་པས་ནི་ཇི་ལྟར་མོས་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་རབ་འབྱམ་གྱི་ཆོ་གའོ། །སྔར་གྱི་རྟོག་པའི་ཆོ་ག་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་ཞིང་སྔར་གྱི་རྟོག་པའི་ཆོ་
D502.087.0236b02.01ག་ཐམས་ཅད་ཀྱིས་སྦྱར་བར་བྱའོ། །མངོན་པར་ཤེས་པ་ལྔ་སྒྲུབ་པའི་ཐབས་ནི་རྣམ་པ་གཉིས་ཏེ། རབ་ཏུ་དབེན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་དམིགས་པ་རྟག་ཏུ་ཟློས་པ་དང་། ལྷ་མཉེས་པར་བྱེད་པས་མངོན་པར་ཤེས་པ་ལྔ་བསྒྲུབ་པ་སྟེ། ཆོ་གའི་ཐབས་
D502.087.0236b03.01དེ་དག་གིས་རྟག་ཏུ་གོམས་པར་བྱས་ནས་མངོན་པར་ཤེས་པ་ལྔ་ཉེ་བར་འབྱུང་བར་འགྱུར་རོ། །ལས་རྣམ་པ་གཉིས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཐོབ་པར་འགྱུར་ཏེ། ལུས་ཡང་བ་དང་སེམས་ཡང་བ་ཉིད་ལ་གོམས་པར་བྱེད་ཅིང་ཟློས་པ་དང་། དབེན་པར་འདུག་ནས་བཟླས་པ་ལ་གོམས་
D502.087.0236b04.01པར་བྱེད་པའོ། །མི་སྣང་བའི་ཆོ་ག་ནི་གསུམ་སྟེ། ཉིན་གཅིག་ཏུ་སྒྲུབ་པའམ། ཉིན་མཚན་གཅིག་སྦྱོར་བས་སྒྲུབ་པ་དང་། དུར་ཁྲོད་དུ་ས་ལས་བྱས་པའི་མཆོད་རྟེན་བྱས་པའི་མདུན་དུ་དཀྱིལ་འཁོར་བྱས་པ་ལ་མེ་ཏོག་སིལ་མས་བཀྲམ་པ་ལ་འདུག་ནས་བ་བླའམ། གི་ཝང་ངམ།
D502.087.0236b05.01ཨ་ཤྭཏྠའི་ལོ་མ་འམ། བྱང་ཆུབ་ཀྱི་ཤིང་གཞན་ཡང་རུང་། མྱ་ངན་མེད་པ་ལ་སོགས་པ་བཀྲ་ཤིས་ཀྱི་ཤིང་གི་ལོ་མ་ལ་བཞག་ནས་སྒྲུབ་པ་པོས་ཐོ་རངས་ཀྱི་དུས་ནས་སྲོད་ཀྱི་བར་དུ་ཉིན་རངས་བསྒྲུབ་པར་བྱའོ། །དེ་ལས་དུ་བ་བྱུང་ན་མི་སྣང་བར་འགྱུར་རོ། །གལ་ཏེ་ཉི་མ་དེ་ལ་མ་གྲུབ་
D502.087.0236b06.01ན་ཉི་མ་གསུམ་གྱི་བར་དུ་བསྒྲུབ་པར་བྱའོ། །དེ་ལྟ་ན་ཡང་མ་གྲུབ་ན་ཉི་མ་བཞི་པ་ལ་ཉི་མ་རངས་པར་དུར་ཁྲོད་དུ་འཆག་ཅིང་སྒྲུབ་པ་བྱས་ན་ངེས་པར་འགྲུབ་པར་འགྱུར་ཏེ། མི་སྣང་བར་འགྱུར་ཞིང་འདོད་པའི་གཟུགས་ཅན་དུ་འགྱུར་ལ་རི་རབ་ཀྱི་ངོས་ཀྱི་བར་དུ་འགྲོ་བར་འགྱུར་རོ། །ཡང་ན་
D502.087.0236b07.01