藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 30a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་རྗེས་སུ་{མྱི་,མི་}མཐོང་། ད་ལྟར་བྱུང་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། དགེ་ཞེས་བྱ་བ་དང་། {མྱི་,མི་}དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལུང་དུ་སྟོན་ཅེས་བྱ་བ་དང་ལུང་དུ་{མྱི་,མི་}སྟོན་ཅེས་བྱ་བར་ཡང་དག་པར་རྗེས་སུ་

D8.022.0030a01.01
2

{མྱི་,མི་}མཐོང་། འདུས་བྱས་ཤེས་བྱ་བ་དང་། འདུས་མ་བྱས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། འདོད་པའི་ཁམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། གཟུགས་ཀྱི་ཁམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། གཟུགས་

D8.022.0030a02.01
3

{མྱེད་,མེད་}པའི་ཁམས་ཤེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

D8.022.0030a03.01
4

ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་བར་རྗེས་སུ་{མྱི་,མི་}མཐོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་

D8.022.0030a04.01
5

ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ནང་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཕྱི་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སྟོང་པ་ཉིད་སྟོང་པ་ཉིད་

D8.022.0030a05.01
6

ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་

D8.022.0030a06.01
7

{མྱི་,མི་}མཐོང་། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་།

D8.022.0030a07.01