完整藏文原文 · 德格版页 当前仅加载第 22 函德格 341a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པར་ཐར་པའི་སྒོ་
D8.022.0341a01.01སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། མངོན་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་
D8.022.0341a02.01ཤེས་པ་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་མངོན་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཏིང་ངེ་འཛིན་དང་འབྲེལ་པ་
D8.022.0341a03.01མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ཏིང་ངེ་འཛིན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
D8.022.0341a04.01དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུངས་ཀྱི་སྒོ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་གཟུངས་ཀྱི་སྒོ་དང་འབྲེལ་པ་མ་ཡིན་
D8.022.0341a05.01ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་
D8.022.0341a06.01སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། {མྱི་,མི་}འཇིགས་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་
D8.022.0341a07.01