完整藏文原文 · 德格版页 当前仅加载第 22 函德格 240a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྗེ་ཆེན་པོ་ལ་མ་བསླབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མ་བསླབས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མ་བསླབས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མ་བསླབས་སོ། །ཕྱིར་{མྱི་,མི་}འོང་བའི་
D8.022.0240a01.01འབྲས་བུ་ལ་མ་བསླབས་སོ། །དགྲ་བཅོམ་པ་ཉིད་ལ་མ་བསླབས་སོ། །རང་བྱང་ཆུབ་ལ་མ་བསླབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མ་བསླབས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མ་བསླབས་སོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་
D8.022.0240a02.01དཔའི་ཐེག་པ་པ་དེ་ནི་ཐེག་པ་ལ་གསར་དུ་ཞུགས་པར་རིག་པར་བྱ་སྟེ། དེ་ནི་དད་པ་ཙམ་དང་། དགའ་བ་ཙམ་དང་། མོས་པ་ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་འམ། ཀླག་པ་འམ། ལུང་འབོག་པ་འམ། ཁ་
D8.022.0240a03.01ཏོན་བྱ་བ་འམ། ཚུལ་བཞིན་དུ་ཡིད་ལ་བྱ་བར་{མྱི་,མི་}ནུས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་{མྱི་,མི་}འདྲི་ཞིང་ལུང་{མྱི་,མི་}འབོག་པ་དང་། ཁ་ཏོན་{མྱི་,མི་}བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་
D8.022.0240a04.01{མྱི་,མི་}བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། བཟོད་པའི་ཕ་
D8.022.0240a05.01རོལ་ཏུ་ཕྱིན་པས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། ནང་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་།
D8.022.0240a06.01ཕྱི་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་{མྱི་,མི་}འདོགས་པ་དང་
D8.022.0240a07.01