藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 71a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་འཇུག་པའི་སྤོབས་པ་དང་། ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་

D8.022.0071a01.01
2

སྤོབས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོབས་པ་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་

D8.022.0071a02.01
3

སྤོབས་པ་དང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཚེས་ཐམས་ཅད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མི་{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་

D8.022.0071a03.01
4

སྤོབས་པ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཚུལ་ཁྲིམས་ཀྱི་

D8.022.0071a04.01
5

ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་

D8.022.0071a05.01
6

པ་དང་། སྟོབས་བཅུའི་སྤོབས་པ་དང་། {མྱི་,མི་}འཇིགས་པའི་སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་རིག་པའི་སྤོབས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྤོབས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྤོབས་པ་དང་། ལན་ཅིག་ཕྱིར་

D8.022.0071a06.01
7

འོང་བའི་འབྲས་བུའི་སྤོབས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་སྤོབས་པ་དང་། དགྲ་བཅོམ་པའི་སྤོབས་པ་དང་། རང་བྱང་ཆུབ་ཀྱི་སྤོབས་པ་དང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤོབས་པ་སྐྱེ་བར་འགྱུར་རོ། །

D8.022.0071a07.01