完整藏文原文 · 德格版页 当前仅加载第 22 函德格 82b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྗོད། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། འོག་{མྱིན་,མིན་}གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པར་རྗོད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད།
D8.022.0082b01.01{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད་ཅིང་། འདོད་པའི་ཁམས་ནི་འདོད་པ་ལ་ལོངས་སྤྱོད་པས་འདི་ལྟར་བདེའོ། །གཟུགས་ཀྱི་ཁམས་
D8.022.0082b02.01ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་{མྱེད་,མེད་}པའི་ཁམས་ནི་སྙོམས་པར་འཇུག་པ་ཞི་བ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཀྱང་{མྱི་,མི་}རྟག་ཅིང་སྡུག་བསྔལ་ལ་བདག་{མྱེད་,མེད་}དོ། །རྣམ་པར་འགྱུར་བའི་
D8.022.0082b03.01ཆོས་ཅན་ཟད་པའི་ཆོས་ཅན། འཇིག་པའི་ཆོས་ཅན། སྐྱེ་བའི་ཆོས་ཅན། འགག་པའི་ཆོས་ཅན་ཡིན་གྱིས། ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་{མྱི་,མི་}
D8.022.0082b04.01འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག། འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཕྱིན་ཆད་འཁོར་བ་ནམ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
D8.022.0082b05.01འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་
D8.022.0082b06.01{མྱེད་,མེད་}ཅིང་བདག་གིས་བྱེད་པ་ཡིན་ལ་ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་
D8.022.0082b07.01