藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 81a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྨྲ་བ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་

D8.022.0081a01.01
2

དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་བྲི་བར་འདོད། ཀླག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱ་བར་འདོད། མཉན་པར་འདོད། བསྒོམ་པར་འདོད་ལ། ཆོས་ཉན་པ་ནི་བྲི་

D8.022.0081a02.01
3

བར་{མྱི་,མི་}འདོད། ཀླག་པར་{མྱི་,མི་}འདོད། ལུང་འབོག་པར་{མྱི་,མི་}འདོད། ཁ་ཏོན་བྱ་བར་{མྱི་,མི་}འདོད། མཉན་པར་{མྱི་,མི་}འདོད། བསྒོམ་པར་{མྱི་,མི་}འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་

D8.022.0081a03.01
4

དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བྲི་བར་འདོད། ཀླག་པར་འདོད། ལུང་འབོག་

D8.022.0081a04.01
5

པར་འདོད། ཁ་ཏོན་བྱ་བར་འདོད། མཉན་པར་འདོད་ལ་ཆོས་སྨྲ་བ་ནི་བྲི་བར་{མྱི་,མི་}འདོད། ཀླག་པར་{མྱི་,མི་}འདོད། ལུང་འབོག་པར་{མྱི་,མི་}འདོད། ཁ་ཏོན་བྱ་བར་{མྱི་,མི་}འདོད། བསྒོམ་པར་{མྱི་,མི་}འདོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་

D8.022.0081a05.01
6

ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་

D8.022.0081a06.01
7

བ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ་ཐེ་ཙོམ་དང་བྲལ་ལ། ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས་

D8.022.0081a07.01