藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 340b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་བསམ་གཏན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི།

D8.022.0340b01.01
2

ཚད་{མྱེད་,མེད་}པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་{མྱེད་,མེད་}པ་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ཚད་{མྱེད་,མེད་}པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་

D8.022.0340b02.01
3

སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་

D8.022.0340b03.01
4

{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པར་ཐར་པ་བརྒྱད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་

D8.022.0340b04.01
5

འབྱོར་རྣམ་པར་ཐར་པ་བརྒྱད་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་རྣམ་པར་ཐར་པ་བརྒྱད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མཐར་

D8.022.0340b05.01
6

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་མཐར་

D8.022.0340b06.01
7

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དང་འབྲེལ་པ་མ་ཡིན་

D8.022.0340b07.01