完整藏文原文 · 德格版页 当前仅加载第 22 函德格 136a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་
D8.022.0136a01.01ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། ཕྱིར་{མྱི་,མི་}འོང་
D8.022.0136a02.01བའི་འབྲས་བུ་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་དགྲ་བཅོམ་པ་ཉིད་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། དགྲ་བཅོམ་པ་ཉིད་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་རང་བྱང་ཆུབ་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་
D8.022.0136a03.01བའི་ཚེ། རང་བྱང་ཆུབ་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །ནམ་རྣམ་པ་
D8.022.0136a04.01ཐམས་ཅད་མཁྱེན་པ་ཉིད་ལ་{དམྱིགས་,དམིགས་}པའི་རྣམ་པར་ཤེས་པ་{མྱི་,མི་}འབྱུང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་{མྱེད་,མེད་}པའི་ཕྱིར་སྟོན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་
D8.022.0136a05.01པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་དུ་སྟོང་པ་
D8.022.0136a06.01ཞེས་རྗོད་དེ། འཇིག་རྟེན་དུ་ཅི་སྟོང་པ་ཞེས་རྗོད་ཅེ་ན། གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཚོར་བ་སྟོང་ངོ་ཞེས་བྱུ་བར་འཇིག་རྟེན་དུ་རྗོད་དོ། །འདུ་ཤེས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འདུ་བྱེད་སྟོང་ངོ་ཞེས་བྱ་
D8.022.0136a07.01