完整藏文原文 · 德格版页 当前仅加载第 22 函德格 230a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆགས་པར་{མྱི་,མི་}བྱའོ། །ཡོངས་སུ་གཟུང་བར་{མྱི་,མི་}བྱའོ། །སངས་རྒྱས་ཉིད་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །ཡོངས་སུ་གཟུང་བར་{མྱི་,མི་}བྱའོ། །ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །ཡོངས་སུ་གཟུང་བར་{མྱི་,མི་}བྱའོ། །
D8.022.0230a01.01རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །ཡོངས་སུ་གཟུང་བར་{མྱི་,མི་}བྱའོ། །དེ་བཞིན་གཤེགས་པ་ཉིད་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །ཡོངས་སུ་གཟུང་བར་{མྱི་,མི་}བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་
D8.022.0230a02.01སྤྱོད་པའི་ལྷའི་བུ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ཅིང་བལྟ་དཀའ་ལ། རྟོགས་པར་དཀའ་བ་སྟེ། {མྱི་,མི་}བརྟག་པ། བརྟག་པའི་སྤྱོད་ཡུལ་མ་ལགས་པ།
D8.022.0230a03.01ཞི་ཞིང་ཕྲ་ལ་མཁས་པ་དང་། བྱང་བ་དང་ཡིད་གསལ་བས་འཚལ་བར་བགྱི་བའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ། །བཅོམ་ལྡན་འདས་
D8.022.0230a04.01སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དགེ་བའི་རྩ་བ་བསྐྱེད་པའོ། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
D8.022.0230a05.01ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་{མྱི་,མི་}འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་
D8.022.0230a06.01གྱུར་ཏེ། དེ་དག་ཐམས་ཅད་ལ་ཡེ་ཤེས་དང་སྤོང་བ་གང་ཇི་སྙེད་ཅིག་མཆིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་རྨོ་འདི་ལ་གདུགས་གཅིག་ཏུ་མོས་ཤིང་། བསམས་ཏེ་གཞལ་བ་དང་། བརྟག་པ་དང་དཔྱད་པ་གཉིས་ན། གང་ཤེས་རབ་
D8.022.0230a07.01