完整藏文原文 · 德格版页 当前仅加载第 22 函德格 113b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{དམྱིགས་,དམིགས་}པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་ཞེ་སྡང་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། སེམས་ལས་བྱུང་
D8.022.0113b01.01བའི་ཆོས་རྣམས་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}ན། སེམས་ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བའི་སེམས་{དམྱིགས་,དམིགས་}པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་གཏི་མུག་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །
D8.022.0113b02.01དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}ན། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་བའི་སེམས་{དམྱིགས་,དམིགས་}པ་ལྟ་
D8.022.0113b03.01ཅི་ཞིག་སྨོས། དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་
D8.022.0113b04.01དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་
D8.022.0113b05.01དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
D8.022.0113b06.01མཁྱེན་ཅེ་ན། རབ་འབྱོར་སེམས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་མ་ཡིན། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་
D8.022.0113b07.01