藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 336a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆེན་པོའི་གོ་ཆ་དེ་ནི་ལེན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པ་ཡང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ལེན་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །

D8.022.0336a01.01
2

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྲིད་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པ་ཡང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་སྲིད་པ་

D8.022.0336a02.01
3

དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྐྱེ་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་ཡང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་

D8.022.0336a03.01
4

ཕྱིར་གོ་ཆ་དེ་ནི་སྐྱེ་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྒ་ཤི་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤི་ཡང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་

D8.022.0336a04.01
5

{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་རྒ་ཤི་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་བདག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བདག་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་

D8.022.0336a05.01
6

དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་བདག་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སེམས་ཅན་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་

D8.022.0336a06.01
7

ཡང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་སེམས་ཅན་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྲོག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་

D8.022.0336a07.01