藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 242a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དང་མཐུན་པར་མི་སྤྱོད། མངོན་པར་ཤེས་པ་རྣམས་དང་མཐུན་པར་{མྱི་,མི་}སྤྱོད། ཏིང་ངེ་འཛིན་རྣམས་དང་མཐུན་པར་{མྱི་,མི་}སྤྱོད། གཟུངས་ཀྱི་སྒོ་

D8.022.0242a01.01
2

རྣམས་དང་མཐུན་པར་{མྱི་,མི་}སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མཐུན་པར་{མྱི་,མི་}སྤྱོད། {མྱི་,མི་}འཇིགས་པ་བཞི་དང་མཐུན་པར་{མྱི་,མི་}སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་དང་མཐུན་པར་{མྱི་,མི་}སྤྱོད། སྙིང་རྗེ་ཆེན་པོ་དང་མཐུན་པར་{མྱི་,མི་}

D8.022.0242a02.01
3

སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དང་མཐུན་པར་{མྱི་,མི་}སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་མཐུན་པར་{མྱི་,མི་}སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་མཐུན་པར་{མྱི་,མི་}སྤྱོད། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་དང་མཐུན་

D8.022.0242a03.01
4

པར་{མྱི་,མི་}སྤྱོད། དགྲ་བཅོམ་པ་ཉིད་དང་མཐུན་པར་{མྱི་,མི་}སྤྱོད། རང་བྱང་ཆུབ་དང་མཐུན་པར་{མྱི་,མི་}སྤྱོད། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་མཐུན་པར་{མྱི་,མི་}སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པར་{མྱི་,མི་}སྤྱོད་ན། དེ་ནི་

D8.022.0242a04.01
5

གནས་གཉིས་དང་། ས་གཉིས་པོ་ལས་ས་གཅིག་ལ་གནས་པར་འགྱུར་ཏེ། དེ་ནི་འདི་ལྟར་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་ས་འོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་

D8.022.0242a05.01
6

སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་བྲིས་མ་བསྟན། ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཀྱང་ཕ་རོལ་ལ་ཕན་མ་བཏགས། བྱང་ཆུབ་སེམས་དཔའི་ཐེག་པ་

D8.022.0242a06.01
7

པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མཐུན་པར་མ་སྤྱོད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་གནས་གཉིས་དང་། ས་གཉིས་པོ་དེ་

D8.022.0242a07.01