藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 273b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་

D8.022.0273b01.01
2

{མྱེད་,མེད་}པ་ནི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་རྣམས་ལ་འདོད་པ་མ་སྐྱེད་

D8.022.0273b02.01
3

ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་

D8.022.0273b03.01
4

པོ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་དབང་པོ་རྣམས་སོ། །སྟོབས་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་སྟོབས་རྣམས་སོ། །བྱང་

D8.022.0273b04.01
5

ཆུབ་ཀྱི་ཡན་ལག་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་

D8.022.0273b05.01
6

ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་

D8.022.0273b06.01
7

རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་བསམ་གཏན་རྣམས་སོ། །ཚད་{མྱེད་,མེད་}པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ཚད་{མྱེད་,མེད་}པ་རྣམས་སོ། །

D8.022.0273b07.01