藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 325a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་

D8.022.0325a01.01
2

རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}

D8.022.0325a02.01
3

འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་

D8.022.0325a03.01
4

ཀྱིས་ཚོར་བའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད།

D8.022.0325a04.01
5

རབ་འབྱོར་ཆོས་ཐམས་ཅད་ནི། སའི་ཁམས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སའི་ཁམས་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བའམ་འོང་བ་ལྟ་

D8.022.0325a05.01
6

ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི། ཆུའི་ཁམས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆུའི་ཁམས་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་

D8.022.0325a06.01
7

ཡོད། རབ་འབྱོར་ཆོས་ཐམས་ཅད་ནི། {མྱེའི་,མེའི་}ཁམས་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་{མྱི་,མི་}འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{མྱེའི་,མེའི་}ཁམས་ཉིད་ཀྱང་ཤིན་ཏུ་{མྱེད་,མེད་}ན། དེ་ལ་འགྲོ་བ་འམ་འོང་བ་

D8.022.0325a07.01