完整藏文原文 · 德格版页 当前仅加载第 22 函德格 263a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་{མྱི་,མི་}ལྟུང་ངོ་། །རབ་འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡིན་ཞེ་ན། རབ་འབྱོར་
D8.022.0263a01.01འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་ཐབས་དང་ལྡན་པར་སྦྱིན་པ་ཡོངས་སུ་གཏོང་། ཐབས་དང་ལྡན་པར་ཚུལ་ཁྲིམས་སྲུང་། ཐབས་དང་ལྡན་པར་བཟོད་པ་བསྒོམ། ཐབས་དང་ལྡན་པར་བརྩོན་འགྲུས་རྩོམ། ཐབས་དང་ལྡན་
D8.022.0263a02.01པར་བསམ་གཏན་ལ་སྙོམས་པར་འཇུག །ཐབས་དང་ལྡན་པར་ཤེས་རབ་སྒོམ་ཞིང་། འདི་ལྟར་དེ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་འདི་ཡོངས་སུ་གཏོང་ངོ་། །འདི་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་སྙམ་དུ་{མྱི་,མི་}སེམས་སོ། །འདི་
D8.022.0263a03.01ལྟར་བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་དུ་{མྱི་,མི་}སེམས་སོ། །འདི་ལྟར་བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ་སྙམ་དུ་{མྱི་,མི་}སེམས་སོ། །འདི་ལྟར་བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་
D8.022.0263a04.01འགྲུས་ནི་འདི་རྩོམ་མོ་སྙམ་དུ་{མྱི་,མི་}སེམས་སོ། །འདི་ལྟར་བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ །བསམ་གཏན་ནི་འདི་དག་ལ་སྙོམས་པར་འཇུག་གོ་སྙམ་དུ་{མྱི་,མི་}སེམས་སོ། །འདི་ལྟར་བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་
D8.022.0263a05.01སྒོམ་མོ་སྙམ་དུ་མི་སེམས་སོ། །དེ་སྦྱིན་པ་རློམ་སེམས་སུ་{མྱི་,མི་}བྱེད། སྦྱིན་པས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་ཟློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་ཚུལ་ཁྲིམས་ཟློམ་སེམས་སུ་{མྱི་,མི་}བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་
D8.022.0263a06.01སུ་{མྱི་,མི་}བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་བཟད་པ་ཟླ་མ་སེམས་སུ་{མྱི་,མི་}བྱེད། བཟོད་པས་རློམ་སེམས་སུ་{མྱི་,མི་}བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་ཟློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་བརྩོན་
D8.022.0263a07.01