完整藏文原文 · 德格版页 当前仅加载第 22 函德格 118a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་
D8.022.0118a01.01གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་
D8.022.0118a02.01པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་
D8.022.0118a03.01ནོར་བ་དེ་བཞིན་ཉིད་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}ལ་མཚན་མ་{མྱེད་,མེད་}ཅིང་བྱེད་པ་{མྱེད་,མེད་}དེ། སྤྲོས་པ་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ལྟར་མཁྱེན་ཏོ། །ཚོར་བ་མཁྱེན་ཏོ། །ཚོར་བ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་
D8.022.0118a04.01བ་དེ་བཞིན་ཉིད་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}ལ་མཚན་མ་{མྱེད་,མེད་}ཅིང་བྱེད་པ་{མྱེད་,མེད་}དེ། སྤྲོས་པ་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ལྟར་མཁྱེན་ཏོ། །འདུ་ཤེས་མཁྱེན་ཏོ། །འདུ་ཤེས་ཅི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་
D8.022.0118a05.01ནོར་བ་དེ་བཞིན་ཉིད་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}ལ། མཚན་མ་{མྱེད་,མེད་}ཅིང་བྱེད་པ་{མྱེད་,མེད་}དེ། སྤྲོས་པ་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ལྟར་མཁྱེན་ཏོ། །འདུ་བྱེད་མཁྱེན་ཏོ། །འདུ་བྱེད་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་
D8.022.0118a06.01དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་{མྱེད་,མེད་}ཅིང་། རྣམ་པར་རྟོག་པ་{མྱེད་,མེད་}ལ་མཚན་མ་{མྱེད་,མེད་}ཅིང་བྱེད་པ་{མྱེད་,མེད་}དེ། སྤྲོས་པ་{མྱེད་,མེད་}ཅིང་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་དེ་ལྟར་མཁྱེན་ཏོ། །རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་
D8.022.0118a07.01