完整藏文原文 · 德格版页 当前仅加载第 22 函德格 355b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་རྣམས་ལ་མངོན་པར་ཆགས་པ་མེད་དམ་ཞེས། རྣམ་པར་ཐར་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་
D8.022.0355b01.01ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་
D8.022.0355b02.01པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་།
D8.022.0355b03.01སྨོན་པ་{མྱེད་,མེད་}པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས་མངོན་པར་ཤེས་པ་རྣམས་ལ།
D8.022.0355b04.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས། ཏིང་ངེ་འཛིན་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་
D8.022.0355b05.01དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པ་{མྱེད་,མེད་}དམ་ཞེས་གཟུངས་ཀྱི་སྒོ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་
D8.022.0355b06.01བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་ཆགས་པ་མེད་དམ་ཞེས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་
D8.022.0355b07.01