藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 84b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏུ་སོང་སྟེ་ཇི་རུང་། ལེགས་པར་བསམ་པ་སེམས་པར་གྱིས་ཤིག །ཟས་ཐོབ་མ་ཐོབ་དང་བསོད་{མྱི་,མི་}བསོད་ཀྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། དེའི་ཕྱིར་ཆོས་སྟོན་པ་དེས་ཀྱང་། ཐབས་ཕྲ་མོས་ཆོས་ལ་སྤང་བ་བྱས་པར་འགྱུར་ཏེ། དེ་

D8.022.0084b01.01
2

ཡང་{མྱི་,མི་}དགའ་ཞིང་འདི་སྙམ་དུ་འདུ་ཤེས་ཏེ། འདི་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་གྱི། སྤོང་བའི་མཚན་མ་ཡིན་ནོ་སྙམ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་

D8.022.0084b02.01
3

པའི་རྒྱུ་རྐྱེན་{མྱི་,མི་}ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་

D8.022.0084b03.01
4

འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྤྲུལ་གྱི་འཇིགས་པ་དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཆོས་ཀྱི་དོན་ཏུ་ཆོས་ཀྱིས་སྐོམ་ཞིང་རྗེས་སུ་འབྲང་ན། དགེ་སློང་

D8.022.0084b04.01
5

ཆོས་སྨྲ་བས་ཆོས་ཉན་པ་དེ་དག་ལ་འདི་སྐད་སྨྲས་ཏེ། རིགས་ཀྱི་བུ་དག་ཁྱེད་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྤྲུལ་གྱི་འཇིགས་པ་

D8.022.0084b05.01
6

དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་སོང་སྟེ། ཅི་རུང་ཞེས་དེ་ལྟར་དགེ་སློང་ཆོས་སྨྲ་བ་དེས་ཆོས་{མྱི་,མི་}བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་{མྱི་,མི་}འདོད། ཀློག་ཏུ་གཞུག་པར་{མྱི་,མི་}འདོད།

D8.022.0084b06.01
7

ལུང་འབོག་པར་{མྱི་,མི་}འདོད། ཁ་ཏོན་བྱེད་དུ་གཞུག་པར་{མྱི་,མི་}འདོད། ཉན་དུ་གཞུག་པར་{མྱི་,མི་}འདོད་པར་གྱུར་ལ། དེ་དག་གིས་དགེ་སློང་ཆོས་སྨྲ་བའི་ཚིག་དེ་དག་ཐོས་ནས། {མྱི་,མི་}དགའ་ཞིང་{མྱི་,མི་}དགའ་བའི་ཚུལ་ཅན་དུ་གྱུར་ཏེ། དགེ་སློང་

D8.022.0084b07.01