藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 105a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ནི་ཇི་ལྟར་བསྟན་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་ལྟར་ཕུང་པོ་ལྔ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་

D8.022.0105a01.01
2

དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ། སྐྱེ་ཞེས་བྱ་བར་{མྱི་,མི་}སྟོན་ཏོ། །འགག་ཅེས་བྱ་བར་{མྱི་,མི་}སྟོན་ཏོ། །ཀུན་ནས་ཉོན་མོངས་ཤེས་བྱ་བར་{མྱི་,མི་}སྟོན་ཏོ། །རྣམ་པར་བྱང་ཞེས་བྱ་བར་{མྱི་,མི་}སྟོན་ཏོ། །འཕེལ་ཞེས་བྱ་

D8.022.0105a02.01
3

བར་{མྱི་,མི་}སྟོན་ཏོ། །འགྲིབ་ཅེས་བྱ་བར་{མྱི་,མི་}སྟོན་ཏོ། །བླང་ཞེས་བྱ་བར་{མྱི་,མི་}སྟོན་ཏོ། །དོར་ཞེས་བྱ་བར་{མྱི་,མི་}སྟོན་ཏོ། །འདས་ཤེས་བྱ་བར་{མྱི་,མི་}སྟོན་ཏོ། །མ་འོངས་ཤེས་བྱ་བར་{མྱི་,མི་}སྟོན་ཏོ། །ད་ལྟར་བྱུང་ཞེས་བྱ་བར་{མྱི་,མི་}སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན།

D8.022.0105a03.01
4

སྟོང་པ་ཉིད་ལ་འཇིག་པ་{མྱེད་,མེད་}དོ། །རབ་ཏུ་འཇིག་པ་{མྱེད་,མེད་}དོ། །མཚན་མ་{མྱེད་,མེད་}པ་ལ་འཇིག་པ་{མྱེད་,མེད་}དོ། །རབ་ཏུ་འཇིག་པ་{མྱེད་,མེད་}དོ། །སྨོན་པ་{མྱེད་,མེད་}པ་ལ་འཇིག་པ་{མྱེད་,མེད་}དོ། །རབ་ཏུ་འཇིག་པ་{མྱེད་,མེད་}དོ། །མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ལ་འཇིག་

D8.022.0105a04.01
5

པའམ་རབ་ཏུ་འཇིག་པ་{མྱེད་,མེད་}དོ། །སྐྱེ་བ་{མྱེད་,མེད་}པ་ལ་འཇིག་པ་འམ་རབ་ཏུ་འཇིག་པ་{མྱེད་,མེད་}དོ། །དངོས་པོ་{མྱེད་,མེད་}པ་ལ་འཇིག་པ་འམ་རབ་ཏུ་འཇིག་པ་{མྱེད་,མེད་}དོ། །རང་བཞིན་{མྱེད་,མེད་}པ་ལ་འཇིག་པ་འམ་རབ་ཏུ་འཇིག་པ་{མྱེད་,མེད་}དོ། །རབ་འབྱོར་དེ་ལྟར་

D8.022.0105a05.01
6

དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་སྟོན་པར་གསུངས་ཏེ། རབ་འབྱོར་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པའི་སེམས་དང་སྤྱོད་པ་མཁྱེན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་

D8.022.0105a06.01
7

བརྟེན་ཅིང་རབ་ཏུ་མཁྱེན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སེམས་ཅན་{མྱེད་,མེད་}དོ། །སེམས་ཅན་དུ་གདགས་པ་{མྱི་,མི་}{དམྱིགས་,དམིགས་}སོ། །གཟུགས་{མྱེད་,མེད་}དོ། །གཟུགས་སུ་གདགས་པ་{མྱི་,མི་}{དམྱིགས་,དམིགས་}སོ། །ཚོར་བ་{མྱེད་,མེད་}དོ། །

D8.022.0105a07.01