藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 53a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དག་པ་དང་། སའི་ཁམས་དག་པ་དང་། ཆུའི་ཁམས་དག་པ་དང་། {མྱེའི་,མེའི་}ཁམས་དག་པ་དང་། རླུང་གི་ཁམས་དག་

D8.022.0053a01.01
2

པ་དང་། ནམ་མཁའི་ཁམས་དག་པ་དང་། རྣམ་པར་ཤེས་པའི་ཁམས་དག་པ་དང་། མ་རིག་པ་དག་པ་དང་། འདུ་བྱེད་དག་པ་དང་། རྣམ་པར་ཤེས་པ་དག་པ་དང་། {མྱིང་,མིང་}དང་གཟུགས་དག་པ་དང་། སྐྱེ་མཆེད་དྲུག་དག་པ་དང་། རེག་པ་དག་པ་དང་།

D8.022.0053a02.01
3

ཚོར་བ་དག་པ་དང་། སྲེད་པ་དག་པ་དང་། ལེན་པ་དག་པ་དང་། སྲིད་པ་དག་པ་དང་། སྐྱེ་བདག་པ་དང་། རྒ་ཤི་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བཟོད་པའི་ཕ་རོལ་ཏུ་

D8.022.0053a03.01
4

ཕྱིན་པ་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་དང་། ནང་སྟོང་པ་ཉིད་དག་པ་དང་། ཕྱི་སྟོང་པ་ཉིད་དག་པ་དང་། ཕྱི་ནང་སྟོང་པ་

D8.022.0053a04.01
5

ཉིད་དག་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དག་པ་དང་། ཆེན་པོ་སྟོང་པ་ཉིད་དག་པ་དང་། དོན་དམ་པ་སྟོང་པ་ཉིད་དག་པ་དང་། འདུས་བྱས་སྟོང་པ་ཉིད་དག་པ་དང་། འདུས་མ་བྱས་སྟོང་པ་ཉིད་དག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་

D8.022.0053a05.01
6

དག་པ་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དག་པ་དང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དག་པ་དང་། རང་བཞིན་སྟོང་པ་ཉིད་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དག་པ་དང་། {མྱི་,མི་}{དམྱིགས་,དམིགས་}

D8.022.0053a06.01
7

པ་སྟོང་པ་ཉིད་དག་པ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དག་པ་དང་། དྲན་པ་ཉེ་བར་གཞག་པ་དག་པ་དང་། ཡང་དག་པར་སྤོང་བདག་པ་དང་། རྫུ་འཕྲུལ་

D8.022.0053a07.01