完整藏文原文 · 德格版页 当前仅加载第 22 函德格 96b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བ་མང་པོ་འབྱུང་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་།
D8.022.0096b01.01ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གི་བར་ཆད་བགྱིད་པ་ནི་བདུད་ཀྱི་བྱིན་ཀྱིས་བརླབས་པ་སྟེ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་དེ་དག་ནི་བློ་ཆུང་ཞིང་བློ་ཞན་པར་འགྱུར་རོ། །བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་
D8.022.0096b02.01ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གི་བར་ཆད་བགྱིད་པ་དེ་དག་ནི་བློ་རྒྱུ་ཤིན་ཏུ་ཆུང་བར་
D8.022.0096b03.01འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ་དེ་དག་གི་སེམས་{མྱི་,མི་}འཇུག་གོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་{མྱི་,མི་}འདྲི་{མྱི་,མི་}ཀློག། ལུང་{མྱི་,མི་}འབོག །ཁ་ཏོན་{མྱི་,མི་}བགྱིད། {མྱི་,མི་}སྒོམ། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བགྱིད་
D8.022.0096b04.01དེ། གཞན་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དག་ལ་ཡང་བར་ཆད་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
D8.022.0096b05.01དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་{མྱི་,མི་}འདྲི་{མྱི་,མི་}ཀློག །ལུང་{མྱི་,མི་}འབོག། ཁ་ཏོན་{མྱི་,མི་}བྱེད། {མྱི་,མི་}སྒོམ། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་། གཞན་འདྲི་བ་དང་།
D8.022.0096b06.01ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་གི་བར་ཆད་བྱེད་པ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པ། ཐེག་པ་ལ་གསར་དུ་ཞུགས་པ་དགེ་བའི་རྩ་བ་མ་
D8.022.0096b07.01