完整藏文原文 · 德格版页 当前仅加载第 22 函德格 245a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་བཟུང་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། འདུས་བྱས་སྟོང་པ་ཉིད་
D8.022.0245a01.01ཀྱིས་ཡོངས་སུ་བཟུང་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་།
D8.022.0245a02.01དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། {མྱི་,མི་}
D8.022.0245a03.01{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། དྲན་
D8.022.0245a04.01པ་ཉེ་བར་གཞག་པས་ཡོངས་སུ་བཟུང་བ་དང་། ཡང་དག་པར་སྤོང་བས་ཡོངས་སུ་བཟུང་བ་དང་། རྫུ་འཕྲུལ་གྱི་རྐང་པས་ཡོངས་སུ་བཟུང་བ་དང་། དབང་པོས་ཡོངས་སུ་བཟུང་བ་དང་། སྟོབས་ཀྱིས་ཡོངས་སུ་བཟུང་བ་དང་། བྱང་
D8.022.0245a05.01ཆུབ་ཀྱི་ཡན་ལག་གིས་ཡོངས་སུ་བཟུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཡོངས་སུ་བཟུང་བ་དང་། འཕགས་པའི་བདེན་པས་ཡོངས་སུ་བཟུང་བ་དང་། བསམ་གཏན་གྱིས་ཡོངས་སུ་བཟུང་བ་དང་། ཚད་{མྱེད་,མེད་}པས་
D8.022.0245a06.01ཡོངས་སུ་བཟུང་བ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པས་ཡོངས་སུ་བཟུང་བ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་བཟུང་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་བཟུང་བ་དང་།
D8.022.0245a07.01