完整藏文原文 · 德格版页 当前仅加载第 22 函德格 40b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན།
D8.022.0040b01.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་མངོན་པར་ཤེས་པ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན། ཤེས་རབ་
D8.022.0040b02.01ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཏིང་ངེ་འཛིན་རྣམས་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན། ཤེས་རབ་ཀྱི་ཕ་
D8.022.0040b03.01རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུངས་ཀྱི་སྒོ་རྣམས་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན།
D8.022.0040b04.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན།
D8.022.0040b05.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་{མྱི་,མི་}འཇིགས་པ་བཞི་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}ན།
D8.022.0040b06.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སོ་སོ་ཡང་དག་པར་རིག་པ་བཞི་བསམ་གྱིས་{མྱི་,མི་}ཁྱབ་ཅེས་བྱ་བར་འདུ་ཤེས་
D8.022.0040b07.01