完整藏文原文 · 德格版页 当前仅加载第 22 函德格 274a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་ལ་འདོད་པ་མ་སྐྱེད་
D8.022.0274a01.01ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རྣམ་པར་ཐར་པ་བརྒྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་མཐར་ཀྱིས་གནས་
D8.022.0274a02.01པའི་སྙོམས་པར་འཇུག་པ་དགུའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
D8.022.0274a03.01དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའོ། །མངོན་པར་ཤེས་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་རྣམས་ལ་འདོད་པ་མ་
D8.022.0274a04.01སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་རྣམས་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་གཟུངས་ཀྱི་སྒོ་རྣམས་སོ། །དེ་
D8.022.0274a05.01བཞིན་གཤེགས་པའི་སྟོབས་བཅུ་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །{མྱི་,མི་}འཇིགས་པ་བཞི་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན།
D8.022.0274a06.01རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་{མྱི་,མི་}འཇིགས་པ་བཞིའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་འདོད་པ་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་{མྱེད་,མེད་}པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་
D8.022.0274a07.01