藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 196b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དཔག་ཏུ་{མྱེད་,མེད་}པའི་ཕྱིར་རོ། །གཞལ་དུ་{མྱེད་,མེད་}ཅེས་བྱ་བ་ནི་ནམ་མཁའ་ཚད་{མྱེད་,མེད་}པའི་ཕྱིར་རོ། །{མྱི་,མི་}མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་ནམ་མཁའ་{མྱི་,མི་}མཉམ་པ་དང་མཉམ་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་

D8.022.0196b01.01
2

པའི་ཆོས་དེ་དག་ནི་བསམ་གྱིས་{མྱི་,མི་}ཁྱབ་པ་དཔག་ཏུ་{མྱེད་,མེད་}པ་གཞལ་དུ་{མྱེད་,མེད་}པ། {མྱི་,མི་}མཉམ་པ་དང་མཉམ་པ་སྟེ། དེ་དག་ནི་ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསམ་པའམ་དཔག་པར་{མྱི་,མི་}ནུས་ཏེ། དེ་ལྟར་ན་སངས་རྒྱས་

D8.022.0196b02.01
3

རྣམས་ནི་གཞལ་དུ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་གཞལ་དུ་{མྱེད་,མེད་}དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས་{མྱི་,མི་}ཁྱབ་པ་དང་དཔག་ཏུ་{མྱེད་,མེད་}པ་དང་གཞལ་དུ་{མྱེད་,མེད་}པ་དང་། {མྱི་,མི་}མཉམ་པ་དང་མཉམ་པའི་ལེའུ་

D8.022.0196b03.01
4

འདི་བསྟན་པའི་ཚེ། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བརྒྱ་ཕྲག་ཉི་ཤུས་ཉེ་བར་ལེན་པ་{མྱེད་,མེད་}པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་ཕ་སྟོང་ཕྲག་

D8.022.0196b04.01
5

དྲུག་ཅུ་དང་། དགེ་བསྙེན་མ་སྟོང་ཕྲག་སུམ་ཅུས་ནི་ཆོས་རྣམས་ལ་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་བའི་ཆོས་ཀྱི་{མྱིག་,མིག་}རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུས་ནི་{མྱི་,མི་}སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་དག་བཅོམ་ལྡན་

D8.022.0196b05.01
6

འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གསུམ་མོ།། །།

D8.022.0196b06.01
7

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་

D8.022.0196b07.01