完整藏文原文 · 德格版页 当前仅加载第 22 函德格 244b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་{མྱི་,མི་}རྟེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་{མྱི་,མི་}འདྲི་{མྱི་,མི་}སྟོན། ཁ་ཏོན་དུ་{མྱི་,མི་}བྱེད། ཚུལ་བཞིན་དུ་ཡིད་ལ་{མྱི་,མི་}བྱེད་ཅིང་{མྱི་,མི་}རྟེན་པ་དེ་དག་ནི་བར་མ་
D8.022.0244b01.01དོར་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱིས་མངོན་དུ་བྱེད་པར་འགྱུར། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་བླ་ན་{མྱེད་,མེད་}པ་ཡང་དག་
D8.022.0244b02.01པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད་ཅིང་། བཟོད་པ་དང་མོས་པ་དང་། ལྷག་པའི་བསམ་པ་དང་། དགའ་བ་དང་། སྤྲོ་བ་དང་། {མྱི་,མི་}གཏོང་བ་ཡོད་ཅིང་། བརྩོན་འགྲུས་མི་འདོར་བ་དེ་དག་ནི་ཤེས་
D8.022.0244b03.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ལུང་འབོག་གོ །ཁ་ཏོན་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །རྟེན་པར་བྱེད་དོ། །དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
D8.022.0244b04.01དད་པ་ཡོད། བཟོད་པ་ཡོད། མོས་པ་ཡོད། ལྷག་པའི་བསམ་པ་ཡོད། དགའ་བ་ཡོད། སྤྲོ་བ་ཡོད། {མྱི་,མི་}གཏོང་བ་ཡོད། བརྩོན་འགྲུས་{མྱི་,མི་}འདོར་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས།
D8.022.0244b05.01ཡོངས་སུ་བཟུང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཚུལ་ཁྲིམས་
D8.022.0244b06.01ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་
D8.022.0244b07.01