完整藏文原文 · 德格版页 当前仅加载第 22 函德格 332a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེའི་ཕྱིར་གོ་ཆ་དེ་ནི། རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་མིག་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{མྱིག་,མིག་}ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་
D8.022.0332a01.01སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་{མྱིག་,མིག་}དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣ་བ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བ་ཡང་ཤིན་ཏུ་{མྱེད་,མེད་}ལ།
D8.022.0332a02.01བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་རྣ་བ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྣ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣ་ཡང་ཤིན་ཏུ་{མྱེད་,མེད་}ལ།
D8.022.0332a03.01བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་སྣ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལྕེ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེ་ཡང་ཤིན་ཏུ་{མྱེད་,མེད་}
D8.022.0332a04.01ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ལྕེ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ལུས་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་
D8.022.0332a05.01ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ལུས་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཡིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
D8.022.0332a06.01རབ་འབྱོར་ཡིད་ཀྱང་ཤིན་ཏུ་{མྱེད་,མེད་}ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་{མྱེད་,མེད་}པས། དེའི་ཕྱིར་གོ་ཆ་དེ་ནི་ཡིད་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ། དེ་
D8.022.0332a07.01