藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 22 函德格 159b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དོན་གཞལ་དུ་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་{མྱེད་,མེད་}དེ། སུས་ཀྱང་གཞལ་བར་{མྱི་,མི་}ནུས་སོ། །རབ་འབྱོར་

D8.022.0159b01.01
2

རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་གཞལ་དུ་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་

D8.022.0159b02.01
3

{མྱི་,མི་}མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉམ་པས་མཉམ་པའང་སུ་འང་{མྱེད་,མེད་}ན། ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་

D8.022.0159b03.01
4

རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་{མྱི་,མི་}མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་

D8.022.0159b04.01
5

ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་{མྱི་,མི་}ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། {མྱི་,མི་}མཉམ་པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་

D8.022.0159b05.01
6

བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་{མྱི་,མི་}ཁྱབ་བོ། །རབ་འབྱོར་སངས་

D8.022.0159b06.01
7

རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་དཔག་ཏུ་{མྱེད་,མེད་}གཞལ་དུ་{མྱེད་,མེད་}པ་སྟེ། {མྱི་,མི་}མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་ཀྱང་བསམ་གྱིས་{མྱི་,མི་}ཁྱབ་དཔག་

D8.022.0159b07.01