完整藏文原文 · 德格版页 当前仅加载第 22 函德格 117b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་{མྱི་,མི་}ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་
D8.022.0117b01.01བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་{མྱི་,མི་}ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་
D8.022.0117b02.01བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ལུས་དེ་སྲོག་དང་ལྡན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་
D8.022.0117b03.01བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་
D8.022.0117b04.01པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་
D8.022.0117b05.01དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་གྲོངས་ནས་{མྱེད་,མེད་}ཅེས་བྱ་བ་དང་། དེ་བཞིན་
D8.022.0117b06.01གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ་{མྱེད་,མེད་}ཀྱང་{མྱེད་,མེད་}ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ་ཡང་མ་ཡིན་{མྱེད་,མེད་}པར་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་{མྱེད་,མེད་}པའོ་ཞེས་བྱ་བ་དེ་ནི།
D8.022.0117b07.01