藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 2a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཙམ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་། ཆོས་མཐོང་བ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚད་མེད་གྲངས་{མྱེད་,མེད་}པ་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རབ་

D8.014.0002a01.01
2

ཏུ་ཐོབ་པ། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ། མཚན་མ་{མྱེད་,མེད་}པའི་སྤྱོད་ཡུལ་ཅན། རྟོག་པ་{མྱེད་,མེད་}པའི་སྨོན་ལམ་དང་ལྡན་པ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ། ཐོགས་པ་{མྱེད་,མེད་}བའི་སྤོབས་པ་དང་ལྡན་པ། བསྟན་པ་ཟད་

D8.014.0002a02.01
3

མི་ཤེས་པ་ལ་སོ་སོ་ཡང་དག་པར་རིག་པའི་ཚུལ་ཁོང་དུ་ཆུད་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ། མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་བ། མཉན་པར་འོས་པའི་ཚིག་དང་ལྡན་པ། ལེ་ལོ་{མྱེད་,མེད་}ཅིང་བརྩོན་འགྲུས་བརྩམས་པ། ལུས་དང་

D8.014.0002a03.01
4

སྲོག་ལ་{མྱི་,མི་}ལྟ་བ། ཚུལ་འཆོས་པ་{མྱེད་,མེད་}པ། ཁ་གསག་{མྱེད་,མེད་}པ། གྲགས་པ་དང་། ཁེ་དང་བཀུར་སྟིའི་སེམས་{མྱེད་,མེད་}བ། ཟང་ཟིང་{མྱེད་,མེད་}པའི་ཆོས་སྟོན་པ། ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ། {མྱི་,མི་}འཇིགས་པ་ཆེན་པོ་ཐོབ་པ། ཡིད་ཡོངས་

D8.014.0002a04.01
5

སུ་ཞུམ་པ་{མྱེད་,མེད་}པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་རྒྱུན་ཆད་བ། ལས་དང་ཉོན་མོངས་པ་དང་། ཕྱིར་རྒོལ་བ་རབ་ཏུ་བཅོམ་བ། ཕ་རོལ་པོའི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། ཉན་ཐོས་དང་རང་སངས་རྒྱས་

D8.014.0002a05.01
6

ཐམས་ཅད་ཀྱིས་རྟོགས་པར་དཀའ་བ། ཆོས་རབ་ཏུ་རྟོགས་པས་རྣམ་པར་དབྱེ་ཞིང་བསྟན་པ་ལ་མཁས་པ། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བཞིན་འཛུམ་པ་དང་ལྡན་པ། ཐོག་མར་སྨྲ་བ། ཁྲོ་གཉེར་{མྱེད་,མེད་}པ།

D8.014.0002a06.01