藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 188a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཚུལ་ཁྲིམས་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །བཟོད་པ་ཕུན་སུམ་ཚོགས་སོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ཁྲོ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །

D8.014.0188a01.01
2

བརྩོན་འགྲུས་བརྩམས་པའོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ལེ་ལོ་ཅན་ནོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །མཉམ་པར་བཞག་པའོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །མཉམ་པར་མ་བཞག་པའོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ཤེས་རབ་དང་ལྡན་

D8.014.0188a02.01
3

ནོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ཤེས་རབ་འཆལ་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྤྱོས་སོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །རིམ་གྲོ་

D8.014.0188a03.01
4

མ་བྱས་སོ་ཞེས་བྱ་རབ་རློམ་སེམས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མ་སྐྱེས་པ་ནི་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་མ་

D8.014.0188a04.01
5

བྱས་སོ་ཞེས་བྱ་བར་རློམ་སེམས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིར་ཏེ། འདི་ལ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

D8.014.0188a05.01
6

ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་

D8.014.0188a06.01
7

ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་

D8.014.0188a07.01