藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 366a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྟ་བུ་མཐོང་བའི་སླད་དུ། དེ་སྐད་དུ་བདག་གིས་ཆོས་ཐམས་ཅད་ཀྱི་འཕེལ་བ་དང་འགྲིབ་པ་མ་མཐོང་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་{མྱིང་,མིང་}དུ་གདགས་

D8.014.0366a01.01
2

པ་ནི་བདག་གི་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་{མྱིང་,མིང་}དེ་ནི་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་ནི་གནས་པ་མ་མཆིས་

D8.014.0366a02.01
3

ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དེ། རྣམ་པ་འདི་དག་དང་། ཚུལ་འདི་དག་དང་། མཚན་མ་འདི་དག་གིས་བསྟན་

D8.014.0366a03.01
4

པའི་ཚེ། སེམས་ཞུམ་པར་{མྱི་,མི་}འགྱུར་ཡོངས་སུ་ཞུམ་པར་མི་འགྱུར་ཞིང་། འགྱོད་པ་མ་མཆིས་ལ་{མྱི་,མི་}འཇིགས་{མྱི་,མི་}སྔང་སྐྲག་པར་{མྱི་,མི་}འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའི་

D8.014.0366a04.01
5

ས་ལ་གནས་པར་རྟོགས་པར་བགྱི་སྟེ། གནས་པ་ཞེས་བགྱི་བ་ནི་གནས་པ་མ་མཆིས་པའི་ཚུལ་ལོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་

D8.014.0366a05.01
6

ལ་གནས་པར་{མྱི་,མི་}བགྱིའོ། །དེས་ཚོར་བ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་འདུ་ཤེས་ལ་གནས་པར་{མྱི་,མི་}བགྱིའོ། །དེས་འདུ་བྱེད་ལ་གནས་པར་{མྱི་,མི་}བགྱིའོ། །དེས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་{མྱིག་,མིག་}ལ་གནས་པར་{མྱི་,མི་}བགྱིའོ། །

D8.014.0366a06.01
7

དེས་རྣ་བ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྣ་ལ་གནས་པར་མི་བགྱིའོ། །དེས་ལྕེ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་ལུས་ལ་གནས་པར་{མྱི་,མི་}བགྱིའོ། །དེས་ཡིད་ལ་གནས་པར་{མྱི་,མི་}བགྱིའོ། དེས་གཟུགས་ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྒྲ་ལ་

D8.014.0366a07.01