藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 91b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བརྩོན་ཞེས་བྱ་བ་འམ། {མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེ་ལྟ་བུས་ན། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

D8.014.0091b01.01
2

ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་སྟོང་པ་ཉིད་དུ་{མྱི་,མི་}སྡུད་{མྱི་,མི་}འབྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་

D8.014.0091b02.01
3

མ་ཡིན་ནོ། །མཚན་མ་{མྱེད་,མེད་}པ་དང་མཚན་མ་མེད་པར་{མྱི་,མི་}སྡུད་{མྱི་,མི་}འབྱེད་དེ། མཚན་མ་{མྱེད་,མེད་}པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །སྨོན་པ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པར་{མྱི་,མི་}སྡུད་{མྱི་,མི་}འབྱེད་དེ། སྨོན་པ་{མྱེད་,མེད་}པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །དེ་

D8.014.0091b03.01
4

ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བ་འམ་འབྲལ་བ་མེད་དོ། །མཚན་མ་{མྱེད་,མེད་}པ་ལ་འདུ་བ་འམ་འབྲལ་བ་{མྱེད་,མེད་}དོ། །སྨོན་པ་མེད་པ་ལ་འདུ་བ་འམ་འབྲལ་བ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བུར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་

D8.014.0091b04.01
5

དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་

D8.014.0091b05.01
6

དེ་ལྟར་ཁོང་དུ་ཆུད་པར་བྱེད་པས། གཟུགས་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དོ། །ཚོར་བ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དོ། །འདུ་ཤེས་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དོ། །འདུ་བྱེད་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དོ། །རྣམ་པར་ཤེས་པ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དོ། །གཟུགས་དང་སྔོན་གྱི་མཐར་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ནི་

D8.014.0091b06.01
7

འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །གཟུགས་དང་ཕྱི་མའི་མཐར་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །གཟུགས་དང་ད་ལྟར་བྱུང་བར་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། དེ་ནི་འདི་

D8.014.0091b07.01